top of page
Search

གླང་ཆེན་སྨྱོན་པ།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Feb 6, 2021
  • 1 min read

–གོ་རྟོགས་ཤིག་གི་སླད་དུ།

ree

དོན་དམ་བཤད་ན། གླང་ཆེན་སྨྱོན་པ་ཞེས་པ་ཞིག་ཡོད་དམ། གལ་ཏེ་ཡོད་ན། དེའི་ནུས་པ་ཅི་ཡིན། གལ་ཏེ་མེད་ན། ལོ་རྒྱུས་སུ་འཁོད་པ་ཅི་རེད།

འགའ་ཞིག་གིས་དེ་ལྟ་བུ་ཞིག་མེད་ཟེར། སྐོར་ཞིག་གིས་སྨན་རིལ་ཆུང་ཆུང་བཟི་ཁ་ཅན་ཞིག་རེད། དེ་སྨན་ཙམ་ལས་གཞན་མིན། སྨན་རྩིས་ཁང་དུ་སྨན་རིལ་དེ་འདུག་ཟེར། ངས་ནི་མ་མཐོང་ཞིང་མི་ཤེས། གང་ལྟར་ཡང་རུང་སྟེ། ཐག་ཆོད་ན་ནི་ལེགས།

ཉེ་ལམ་གྲོགས་པོ་ཞིག་གི་ངག་དོན་ལྟར་དཔེ་དེབ་ཅིག་ཉོས། དཔེ་དེབ་དེའི་ནང་། སྐུའི་བླ་སྨན་ཨེམ་ཆི་ཡེ་ཤེས་དོན་ལྡན་ལགས་ཀྱིས་གསུང་གསལ་པོ་ཞིག་མཇལ། ཁོང་ནི་དུས་རབས་འདིའི་བོད་ཀྱི་གསོ་རིག་ལ་མཁས་ཤོས་དང་། ལག་ལེན་ལ་ཟབ་ཤོས་དེ་རེད་ལ། བོད་ཀྱི་གསོ་རིག་གི་ཐད་ནས་འཛམ་གླིང་སྟེང་སྙན་གྲགས་ཆེ་ཤོས་དེ་ཡང་རེད། དེའི་ཕྱིར་ཁོང་ལ་ཡིད་ཆེས་ཞུས་ཆོག།

གང་ལྟར། <<རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྐུ་ཚེའི་ལོ་རྒྱུས།>> ཞེས་པ་ལས། ཆིག་ཐུབ་རིལ་བུ་ཞེས་པའི་སྨན་འདི་ནི་གླང་ཆེན་སྨྱོན་པ་ཟེར་བ་དེ་ཡིན། སྨན་དེ་བོད་དུ་གངས་རིའི་མཚམས་ནས་མར་བབས་པའི་འབྲོག་པའི་གཡག་དང་ལུག་གི་ལྷས་རྭའི་ཉེ་འགྲམ་དུ་སྐྱེས་པའི་སྨན་ལོ་མ་ཐེར་ཐེར་ཅན་ལ་ཐང་འཕྲོམ་གྱི་འབྲུ་འདྲ་པོ་ཡོད།འོན་ཀྱང་འབྲུ་དེའི་ཁ་དོག་དཀར་པོ་ཡིན། དེས་གླང་ཆེན་གཅིག་གསོད་ཐུབ་པ་ཡིན་ཞེས་བཤད་སྲོལ་ཡོད་པ་རེད།ཅེས་གསུངས།

ree

གོང་གསལ་དེ་བླ་སྨན་མཆོག་གིས་སྨན་དང་སྨན་རྫས་གཉིས་འདྲེས་ཏེ་གསུངས་པ་ལྟ་བུར་བྱུང་འདུག་པ་ནི་རྩོམ་སྒྲིག་གིས་མ་འཁྱོངས་པ་ལས་གཞན་མ་རེད། གོང་གསལ་གསུང་འདི་ལ་ཞིབ་ཆ་ཞིག་དགོས་ངེས་རེད། དེ་མིན་ན། ཆིག་ཐུབ་རིལ་བུ་ཞེས་པ་དེ་ཕྱུགས་ཀྱི་ལྷས་རའི་ནང་སྐྱེ་བར་གོ་སོང་ན་ཧ་ཅང་ཐལ་འགྲོ།

གང་ལྟར། ས་བབ་མཐོ་སར་སྐྱེ་བའི་དུག་དེ་འདྲ་ཞིག་ངེས་པར་དུ་ཡོད་ཅིང་། བོད་ཀྱིས་བཀོལ་སྤྱོད་ཀྱང་བྱེད། དེས་གླང་ཆེན་ཞིག་གསོད་ཐུབ་ན། མི་ལྟ་སྨོས་ཅི་དགོས་སྙམ། དེས་ན། གླང་ཆེན་སྨྱོན་པ་ཞེས་པ་ཞིག་ཡོད་མེད་ལ་ཀླན་ཀ་ཡེ་ནས་མེད་དོ།།


 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

1 Comment


ང་ བཙན་པོ
ང་ བཙན་པོ
Feb 06, 2021

བཀའ་དྲིནཆེ་🙏

Like
Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page