གསར་ཐོན་དཔེ་དེབ།
- ཤེས་རབ་དར་རྒྱས། Sherab Dharge
- Nov 2, 2021
- 1 min read

མི་ཚེ་འདི་ཟང་ཟིང་ཆེ་ཞིང་། ལས་ཀ་ནི་སྣ་མང་རེད། འདྲ་ཆགས་དང་ཚུལ་འཆོས་ལ་རྒྱབ་བསྟན་ནས་ལོ་མང་སོང་། དམིགས་ཡུལ་ཞིག་བྲང་ཁོག་ལ་ཉར་ཞོར་རྡ་སའི་རི་ལམ་བསྙེགས། རྡོ་ལ་རི་བོ་ནི་ངའི་རྒྱབ་བསྙེས་ས་དང་སྐྱབས་བཅོལ་ས་ཡིན། དེ་རིང་གསར་ཐོན་དཔེ་དེབ་འདི་ཁྱབ་བསྒྲགས་ཀྱི་མགོ་བཙུགས། མི་འགྱང་བར་འགྲེམ་སྤེལ་བྱེད། མཐུན་འགྱུར་སྦྱོར་མཁན་ཚོ་མེད་ན། ང་གཅིག་པུས་མི་འཁྱོངས། གཞན་གྱི་རོགས་རམ་མེད་ན་སངས་རྒྱས་ཀྱི་གོ་འཕང་དང་འཇིག་རྟེན་གྱི་བྱ་གཞག་གཉིས་ཀ་མི་འགྲུབ། ཚང་མར་བཀའ་དྲིན་ཆེ་ཞུ།
འཕྲུལ་དེབ་འེ་ཡོད་ལགས།
རེ་བས་སྒུག་འདུག
དེབ་དེ་ཨོ་གླིང་ལ་སྐུར་ན། ངས་བཙོང་རོགས་བྱས་ཆོག
སྒུག་འདུག་ཡོད་བཀའ་དྲིན་ཞུ།