top of page
Search

ཆོས་ཤེས་ཤིང་ལྷག་བསམ་དཀར་ན་འདི་འདྲ་རེད།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Dec 11, 2020
  • 1 min read

ree

སྤྱི་ལོ་ 1996 ཟླ་ 7 ཚེས་ 10 ཉིན་གཞུང་ཞབས་བགྲེས་ཡོལ་རྗེས་དྲན་ཚོགས་འདུའི་ཐོག་༸གོང་ས་མཆོག་ནས། “ངོས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་མེད་ཀྱང་། བྱང་ཆུབ་ཀྱི་སེམས་ལ་མོས་པ་རྩེ་གཅིག་པའི་ཐོག་ནས་གང་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱིན་ཡོད།དེར་བརྟེན། ངོས་ཆུང་ཆུང་སྐབས་ནས་ཆོས་དང་ཟང་ཟིང་གི་འབྲེལ་བ་ཐོགས་པ་དེ་དག་ལ་ངོས་ཀྱིས་སྨོན་ལམ་བརྒྱབས་ན་ཕྲན་བུ་ཕན་གྱི་རེད་བསམ་གྱིན་འདུག་ལ། རྟག་པར་སྨོན་ལམ་ཡང་རྒྱག་གིན་ཡོད། དེ་བཞིན་བོད་ཆོས་ལྡན་ཞིང་གི་དགའ་ལྡན་ཕོ་བྲང་པའི་ལས་བྱེད་པའི་ནང་གི་མི་སྐྱ་སྤྱིར་བཏང་གཞུང་ཞབས་ཀྱི་མིང་ཙམ་ལས་བླ་མ་དགེ་བཤེས་ཀྱི་མིང་གང་ཡང་མེད་ཀྱང་འཆི་ཁར་འཆི་སྟངས་མི་འདྲ་ཙམ་བྱས་ནས་འཆི་མཁན་དེ་འདྲ་ཡོང་གིན་འདུག །དཔེར་ན། གཡུ་ཐོག་ཞབས་པད་གཤེགས་ཁར་གཞན་དང་མི་འདྲ་བར་ཧ་ཅང་གདེང་དང་ལྡན་པར་བྱས་ཏེ་གཤེགས་འདུག །བར་ལམ་ཆ་བཞག་ན། ཕྲེང་རིང་སྤོ་བོ་ལགས་ཀྱང་མི་འདྲ་བ་ཙམ་བྱས་ནས་གཤེགས་འདུག །དེ་བཞིན་སྔོན་མ་ཤན་ཁ་བ་ལ་ཆ་བཞག་ན། ཆོས་ཕྱོགས་ཀྱི་ཤེས་ཡོན་སྤྱིར་བཏང་གི་བླ་མ་དང་དགེ་བཤེས་ཤིག་ལས་ལྷག་པ་མེད་ནའང་ཞན་པ་མེད། དེ་དག་ནི་དངོས་གནས་ཆོས་ལྡན་རྒྱལ་ཁབ་ཆོས་སྲིད་གཉིས་ལྡན་གྱི་གཞུང་ལ་ཞབས་འདེགས་ཞུས་པའི་ཁྱད་ཆོས་ཡིན། དེ་ཚོའི་རིགས་ནི། དོ་བདག་སོ་སོའི་ངོས་ལ་ཆ་བཞག་ན། གསོན་པའི་རིང་ལ་སྡེ་པ་གཞུང་གི་ཞབས་འདེགས་ཞུས། འཆི་ཁར་གདེང་དང་ལྡན་པའི་ངང་ནས་ཤི་སྟེ་ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་དང་ལས་འབྲེལ་ཡོད་པ་དང། འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བའི་རྟགས་དང་མཚན་མའི་གདེང་ངེས་ཅན་ཡོད་པའི་ཐོག་ནས་འགྲོ་མཁན་ཁ་ཤས་བྱུང་ཡོད།” ཅེས་བཀའ་སྩལ།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comentários


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page