top of page
Search

དགེ་འདུན་ཆོས་འཕེལ།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Nov 11, 2020
  • 1 min read

ree

(དགེ་ཆོས་ཀྱི་སྐོར་ལ་རིང་ཙམ་ཞིག་འབྲི་འདུན་ཆེ་ཡང་ད་ལྟ་མི་ལྕོགས།)


ལས་ཀའི་ཁྲོད་ནས། བཙལ་གྱིན་བཙལ་གྱིན། ཀློག་གིན་ཀློག་གིན། དགེ་འདུན་ཆོས་འཕེལ་འདི་པ་ལ་ཡ་མཚན་ཡང་ནས་ཡང་དུ་སྐྱེ། མཁས་པའི་ནང་གི་ཡང་མཁས་ནི་ཁོང་རེད།

དོན་དག་ཆུང་ཆུང་ཞིག་བཤད་པའི་སྐབས་སུའང་། མདོ་འདི་དང་བསྟན་བཅོས་དེའི་ནང་འདི་དང་དེ་གསུངས་པ་ཞེས་བཤད་དེ་གོ་རྒྱ་བསྐྱེད་ཅིང་། མཁས་པ་འདི་དང་དེའི་གསུང་ནང་། ལམ་ཡིག་འདི་དང་དེའི་ནང་། ཆོས་འབྱུང་འདི་དང་དེའི་ནང་། རྒྱལ་རབས་འདི་དང་དེའི་ནང་ཞེས་སོགས་བདར་ཤ་བཅད་པ་ཧ་ཅང་མང་།

དགེ་ཆོས་ཀྱི་གསུང་ཀློག་ཐེངས་རེ་རེེར། དགེ་ཆོས་ཀྱི་བློ་གྲོས་ཀྱི་རྣོ་ཁ་དང་། དགེ་ཆོས་ཀྱི་ཤེས་རབ་ཀྱི་གསལ་ཆ། དགེ་ཆོས་ཀྱི་རྣམ་དཔྱོད་ཀྱི་ཁྱབ་རྒྱ་སོགས་ལ་ཧ་ལས།

དགེ་ཆོས་ཀྱི་གསུང་ལ་བལྟས་ན། དགེ་ཆོས་ཀྱི་དྲང་ཤ་དང་ལྷག་བསམ་གཉིས་ཡང་ནས་བསྐྱར་དུ་མཇལ་ཐུབ་ལ། མི་བོ་ཆེ་དེའི་དྲན་རིག་ནི་གློག་ཀླད་ལྟ་བུ་ཞིག་རེད་སྙམ་པ་འབྱུང་། ཚིག་ཆུང་ཆུང་ཞིག་ཡིན་ན་ཡང་། བུ་སྟོན་གྱི་བདེ་མཆོག་སྤྱི་རྣམ་དུ་ཞེས་སོགས་གསུངས་ཏེ་གསལ་བཤད་མཐིལ་ཕྱིན་པ་གནང་།

དགེ་ཆོས་ཀྱིས་ད་ལྟ་ཞིབ་འཇུག་གི་ལས་ལ་ཞུགས་པ་ཚོར་དགའ་བ་དང་སྤྲོ་བ་ཅི་ཙམ་ཞིག་སྦྱིན་ཡོད་ཨང་།

དགེ་ཆོས་ཀྱི་གསུང་ལ་བརྟེན་ནས་ཡིག་ཁུངས་ཤེས་པ་འགའ་ཞིག་གིས། དགེ་ཆོས་ཀྱིས་གསུངས་པའི་ཡིག་ཆ་གང་ཡིན་པ་དེ་བཀླགས་ནས་རང་གིས་ཤེས་པ་ལྟར་བྱེད་ཅིང་། དགེ་ཆོས་ཀྱི་མཚན་ཚིག་ཟུར་ལ་ཡང་མི་ཐོན་པར་བྱེད་པ་ཡོད། ཁྲེལ་གཞུངས་ཆུང་ཞིང་ལྷག་བསམ་མི་དག་པའི་ཡིག་འབྲི་བ་དེ་དག་གི་བརྩམས་ཆོས་ལ་མདུན་ལམ་ཧ་ཅང་ཆུང་སྙམ་སྟེ། དེ་རིང་ལས་ཀའི་བར་གསེང་ནས་བྱུང་བའི་ཚོར་བའོ།།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

1 Comment


落 旦曲
落 旦曲
Nov 24, 2021

ཁྱོད་ཀྱི་རྩོམ་རིགས་ལའང་ཀློག་གྱིན་ཀློག་གྱིན་བློ་སྐྱིད་མང་པོ་ཞིག་སྤྲད་ཡོང་གིན་འདུག😄

Like
Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page