top of page
Search

དང་། ཨང་། གྲབས།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Feb 20, 2021
  • 1 min read

(གསར་སློབ་དག་ལ་སྤྲིངས་པ་ཡིན་པས་མཁས་པ་རྣམས་ལ་མཁོ་བ་མིན།) •དང་སྒྲ་འདི་གདམས་པའམ་སྐུལ་བ་དང་ནན་ཏན་སྟོན་པ་ལ་འཇུག་པས་ན། འདིར་གཟིགས་དང་། དེ་མ་བྱེད་དང་། ཞེས་ཟེར་བ་ལ། ཁ་སྐད་དུ་དང་གི་རྗེས་འཇུག་ང་སྒྲ་བོར་ཏེ་འདོན་པས། འགའ་ཞིག་གིས། འདིར་“གཟིགས་དཱ།” དེ་མ་“བྱེད་དཱ་”ཞེས་འབྲི་བ་ནོར་རོ།། •ཨང་སྒྲ་འདི་ཡང་སྐུལ་བའམ་ནན་ཏན་སྟོན་པ་ལ་འཇུག་པས། རྩོམ་ཡིག་དེ་ཀློགས་ཨང་། དེ་མ་ཀློག་ཨང་ཞེས་པ་ལ། ཁ་སྐད་དུ་ཨང་གི་རྗེས་འཇུག་བོར་ཏེ་རྗོད་སྟབས། འགའ་ཞིག་གིས། “ཀློགས་ཨ།” ཞེས་སམ། “མ་ཀློག་ཨ་”ཞེས་འབྲི་བ་ནོར་རོ།། •གྲབས་ནི། དོན་གཅིག་ལ། ཉེ་བའམ་ཁད་ལ་འཇུག་པས་ན། བྱེད་ལ་ཁད་པའམ་བྱེད་ལ་ཉེ་བ་ལ། བྱེད་གྲབས་ཡོད་ཅེས་ཟེར་ཞིང་། སྒྲ་འདོན་ཚུལ་ནི་ཕལ་ཆེར་གྲོད་དང་མཚུངས། དེའི་ཕྱིར། འགའ་ཞིག་གིས་ཡི་གེ་འབྲི་བའི་ཚེ། “བྱེད་འགྲོ་”ཡོད་ཅེས་འབྲི་བ་ནོར་ཏེ། “བྱེད་གྲབས་”ཞེས་འབྲི་དགོས།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comentários


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page