top of page
Search

པདྨ་ཚེ་བརྟན་མདོ་སྨད་དུ་སྐྱེལ་མ་བྱེད་པའི་བརྙན།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • May 10, 2023
  • 1 min read

པདྨ་ཚེ་བརྟན་ཕྱི་མར་བཞུད་པའི་སྐད་ངན་དེ་དྲ་ངོས་སུ་ཁྱབ་པ་ནས་མི་མང་པོ་མྱ་ངན་གྱིས་མནན།

ལོ་ངོ་འདི་དག་གི་ནང་། སྒང་བ་བོད་ཀྱི་བླ་སྲོག་འཛིན་མཁན་སྐོར་ཞིག་སྔ་རྗེས་སུ་བཞུད་སོང་བ་ཧ་ཅང་ཕངས།

གནས་ཚུལ་དེ་གོ་མ་ཐག་བློ་ལ་ཤར་བ་ནི། “ང་འདྲ་བ་བརྒྱ་ཕྲག་ཡོད་པ་ལས། ཁོང་ལྟ་བུ་གཅིག་འཚོ་ན་མི་རིགས་ལ་ཕན།” སྙམ་པ་འདི་རེད།འོན་ཀྱང་། བསམ་པ་དེ་ཙམ་གྱིས་ཅི་ཞིག་ལ་ཕན་ཨང་།

འདས་ཟིན་པ་འཇོན་ཐང་ཅན་དེ་དག་ཕལ་མོ་ཆེ་ལོ་གཞོན་རེད། བསམ་ཚུགས་པའི་སྒང་རེད། སྒྲུབ་ཐུབ་པའི་སྐབས་རེད། བློ་ན་སྨིན་པའི་དུས་རེད།

འདས་པའི་ལོ་རྒྱུས་ལ་ཞིབ་འདང་བྱས་ན། དེ་དག་གི་འཆི་རྐྱེན་ལ་དོགས་པ་ལོས་ཟ།

དེ་ལྟར་བོད་ཀྱི་ལས་དབང་དང་སྲིད་ཇུས་དམར་པོ་གཉིས་ཡང་ཡང་གདོང་གཏུག་རྒྱག་དགོས་པ་ཅིས་ཡིན་ནམ།


 
 
 

Recent Posts

See All
ང་དང་ཧོར་འཇིགས་ཀྱི་རྩོམ་རྩལ།

---ཁ་བྱང་དང་ནང་དོན་གཉིས་ཕྱོགས་མཚུངས་ཙམ་ལས་ཞིབ་བརྗོད་མིན།    ང་བཙན་བྱོལ་དུ་འབྱོར་བའི་རྗེས་ལ། ངས་ཅི་ལ་ཡང་འགྲམ་ཆུ་མ་ལྡང་བར་ཤེས་རིག་ཁོ་ན་དོན་...

 
 
 
བརྡ་སྤྲོད་ལས་བདག་མེད་དུ་ལུས་པ།

-ཟིན་བྲིས་ཙམ་ལས་མཐའ་མའི་གཏན་འབེབས་མིན། ང་འ་ར་ལ་དང་མཐའ་མེད་དང་པ་བ་སོགས། གཅིག། སྤྱིར་རྒྱན་ཚིག་ལ་དངོས་པོ་གང་ཞིག་གི་རང་བཞིན་དང་རྣམ་པ་དང་གནས་ར...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page