top of page
Search

བོད་ཀྱི་ THE VOICE

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Nov 15, 2020
  • 1 min read

ree

མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་ལ་ལྟ་དུས། གླུ་རོལ་གཉིས་ལས་གཞན་པའི་དོ་སྣང་བྱེད་ས་གཙོ་བོ་ནི། སྟེགས་བུ་དང་། དེའི་སྟེང་གི་ཇུས་འགོད། དཔྱད་འདེམས་པའི་དཔྱད་བརྗོད་བཅས་ཡིན་ལ། གཙོ་བོ་གཞན་ཞིག་ནི། མདོ་འཛིན་པ་དག་གི་ངག་སྒོ་དང་ཁྱད་ཆོས་གཞན་བཅས་ཡིན། དེ་ནི་ངས་བཞུགས་སྒར་རྡ་ས་ནས་ལོ་འགའི་རིང་ཨ་རིའི་ THE VOICE ལ་བལྟས་པའི་རྐྱེན་གྱིས་ཡིན་པ་འདྲ།

ree

མི་ལོ་བཅུ་ཙམ་གྱི་གོང་ལ་འཛམ་གླིང་སྟེང་ཆེས་སྐད་གྲགས་ཆེ་བའི་རོལ་གཞས་འགྲན་ཚོགས་ THE VOICE ཞེས་པ་དེ་ཧོ་ལན་རྒྱལ་ཁབ་ནས་དར་ཏེ། ཨ་རི་སོགས་རྒྱལ་ཁབ་མང་པོས་ནང་འདྲེན་བྱས་ནའང་། མི་རིགས་ཆེན་པོ་དང་རྒྱལ་ཁབ་རང་དབང་ཅན་འགའ་ཞིག་གིས་ད་དུང་ཡང་དེའི་ཁྱད་ཆོས་བསྡུ་ལེན་བྱེད་ཐུབ་མེད།

འོན་ཀྱང་། ད་ལོ་སྟེ་ཏག་ཏག་ང་ཚོ་བཙན་བྱོལ་བ་ཚོས་དོན་དག་གཞན་ཞིག་ལ་ཚ་ཚ་འུར་འུར་གྱིས་འགྲན་རྩོད་བྱེད་བཞིན་པའི་སྐབས་འདིར། བོད་ཤར་ཕྱོགས་སུ་“བོད་ཀྱི་ THE VOICE” གསར་འཛུགས་གནང་སོང་བ་ནི་མི་རིགས་ཀྱི་སྙིང་སྟོབས་དང་སྤོབས་པ་ངོ་མ་ཞིག་ཡིན།

ree

མ་གཞི་ནས་གཞིས་བཞུགས་བོད་མི་ཚོའི་ཤེས་ཡོན་དང་། འཚོལ་སྙེག་གི་སྙིང་སྟོབས། མདུན་སྐྱོད་ཀྱི་མྱུར་ཚད། ནང་འདྲེན་གྱི་འདུ་ཤེས། གུ་ཡངས་ཀྱི་བློ་རྒྱ། བསམ་བློའི་གནས་ཚད་སོགས་གང་ཐད་ནས་སྔོན་ཐོན་མི་རིགས་གཞན་ལ་འགྲན་ཐུབ་པ་ཞིག་ཅིས་ཀྱང་རེད། ཁོང་རྣམས་ཀྱི་དཀའ་ངལ་ནི། ནུབ་ཕྱོགས་པ་རྣམས་དང་མཚུངས་པར་རྣམ་དཔྱོད་རང་དབང་གིས་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་མེད་པ་དང་། སྒྱུ་རྩལ་ཅི་འདོད་དུ་བསྔོག་འདོན་བྱེད་པའི་རང་དབང་མེད་པ་སོགས་རེད།

ree

གང་ལྟར་ཡང་། བོད་དང་བོད་ཀྱི་ཤེས་རིག་གི་སྲོག་འཛིན་མཁན་ཞིག་ཡོད་ན། དེ་ནི་གཞིས་བཞུགས་བོད་མི་རྣམས་རེད། གཟིགས་དང་། གང་ཞིག་ཕྱི་ལོགས་ནས་དར་ཏེ་རྒྱ་ནག་ཏུ་ཁྱབ་མ་ཐག་གཞིས་བཞུགས་བོད་མི་ཚོས་དེ་མ་ཉིད་དུ་ནང་འདྲེན་དང་བཀོལ་སྤྱོད་བྱེད། དེ་ལྟ་བུའི་བསམ་པའི་སྙིང་སྟོབས་དང་བློ་རྒྱ། མྱུར་ཚད་སོགས་ཀྱིས་ཉི་ཧོང་མི་རིགས་ལ་ཡང་འགྲན་ཐུབ་སྙམ་པ་འབྱུང་ལ། ཤར་ཕྱོགས་ཀྱི་རྒྱལ་ཁབ་སྐོར་ཞིག་རྗེས་སུ་བསྐྱུར་བར་ཡང་ཐེ་ཚོམ་མེད་སྙམ་པ་ཡང་ཡང་སྐྱེ། འོན་ཀྱང་། ཁོར་ཡུག་དང་རང་དབང་གཉིས་མེད་པ་དེ་ཁོ་ན་གནད་དོན་དུ་གྱུར་ཡོད།

མདོར་བསྡུས་ནས་བཤད་ན། མི་རིགས་གཞན་ལ་དར་་བའི་ THE VOICE དང་ད་ལྟའི་རྡུང་ལེན་འགྲན་བསྡུར་འདི་གཉིས་བསྡུར་ཏེ་བལྟས་ན། ད་གཟོད་བོད་ཀྱི་THE VOICE དབུ་བརྙེས་ཟིན་པ་ཤེས་ལ། གནས་ལུགས་འདིའི་སྟེང་ནས་བོད་ཀྱི་ THE VOICE ཡི་འཁྲུངས་རབས་འབྲི་དགོས་པ་ཡིན་ནོ།།

ree

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page