top of page
Search

བུ་མོ་གཡང་འཛོམས་སྒྲོལ་མ།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Jan 15, 2021
  • 1 min read

–སུ་ལ་ཡང་རྒྱུས་མངའ་མེད་པའི་བུ་མོ་ཞིག།

ree

སྲས་མོ་གཡང་འཛོམས་སྒྲོལ་མ་སྤྱི་ལོ་ 1950 ཟླ་ 1 ཚེས་ 11 ཉིན་རྒྱ་གར་དུ་འཁྲུངས་ཤིང་། དེ་ནས་ཟླ་ཤས་ལས་མ་སོང་བར་ཡབ་རྒྱལ་ལོ་དོན་གྲུབ་དང་ཡུམ་ཀྲུའུ་ཏན་གཉིས་དང་ལྷན་དུ་ཐའི་ཝན་དང་ཨ་རིར་བསྐྱོད་ཅིང་། དེ་ནས་ཕྱིར་རྒྱ་གར་དུ་ཕེབས།

ཡབ་ཆེན་བོད་ཀྱི་དོན་དུ་ས་གནས་གཞན་དུ་འགྲུལ་བཞུད་ཡང་ཡང་གནང་དགོས་པར་བརྟེན་ཆུང་བའི་དུས་ནས་ཡབ་དང་ལྷན་དུ་བཞུགས་པའི་གོ་སྐབས་དེ་ཙམ་བྱུང་མེད།

ree

གཡང་འཛོམས་སྒྲོལ་མ་རྒྱ་གར་ནས་མཐོ་སློབ་ཐོན་རྗེས་དབྱིན་ལན་དུ་སློབ་གྲྭར་བསྐྱོད། དེ་ནས་སློབ་མཐར་ཕྱིན་པ་ན་ཕྱིར་རྒྱ་གར་དུ་ཕེབས་ཏེ་ཡབ་ཀྱི་བཀའ་དགོངས་ལྟར་རྡ་རམ་ས་ལའི་གངས་སྐྱིད་དུ་ཕེབས། རྡ་སར་བཞུགས་རིང་བོད་ཀྱི་དཔེ་མཛོད་ཁང་དུ་ the Tibet Journal ཞེས་པའི་ཆེད་དེབ་ཀྱི་རྩོམ་སྒྲིག་པའི་ཕྱག་ལས་གནང་།

ree

སྟབས་མི་ལེགས་པ་ཞིག་ལ། གཡང་འཛོམས་སྒྲོལ་མ་ཨ་ཧྥེ་རི་ཀའི་ལུང་པ་ཏུ་ནེ་ཤི་ཡ་(Tunisia)ཞེས་པར་ཕེབས་སྐབས་རླངས་འཁོར་བརྡབ་སྐྱོན་གྱིས་སྐུ་སྲོག་ཤོར། དེ་ལྟར་སྤྱང་གྲུང་ལྡན་པའི་བུ་མོ་གཡང་འཛོམས་སྒྲོལ་མ་སྤྱི་ལོ་ 1983 ཟླ་ 2 ཚེས་ 8 ཉིན་འཇིག་རྟེན་འདི་དང་ཞལ་གྱེས།

སྟག་མཚེར་སྲས་མོ་གཡང་འཛོམས་སྒྲོལ་མ་དང་ཚ་རོང་སྲས་འཇིགས་མེད་གཉིས་གཉེན་སྒྲིག་གནང་སྟེ་སྲས་གཅིག་འཁྲུངས། མཚན་ལ་མཐུ་སྟོབས་ཟེར། གཡང་འཛོམས་སྒྲོལ་མ་སྐུ་གཤེགས་རྗེས་ཡུམ་ཀྲུའུ་ཏན་གྱིས་རང་གི་ཚ་བོ་མཐུ་སྟོབས་བུ་ལྟར་བདག་སྐྱོང་གནང་། རྗེས་སུ་མཐུ་སྟོབས་ལགས་ཨ་རིར་ཕེབས་ཏེ་ད་དུང་དེ་གར་བཞུགས་ཡོད།

མདོར་ན། སྲས་མོ་གཡང་འཛོམས་སྒྲོལ་མའི་སྐུ་དྲིན་ལས་རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་ཆུང་ཆུང་འདི་བྱུང་ཞིང་། དེ་ལ་བརྟེན་ནས་ཉེ་རབས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གནས་ཚུལ་གང་མང་ཞིག་འུ་ཅག་གིས་ཤེས་རྟོགས་བྱུང་བ་ཡིན་ནོ།།

ree

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

1 Comment


ང་ བཙན་པོ
ང་ བཙན་པོ
Feb 06, 2021

རྒྱལ་ཡུམ་མཆོག་གི་དེབ་ལས་གཞིནམ་ནས་ཤེས་གསལ་བྱུང་།

Like
Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page