top of page
Search

མི་བཤིག་པ་ཨེ་རེད།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • May 11, 2022
  • 1 min read

ree

མི་བཤིག་པ་མ་རེད།

ཉེ་ལམ་རང་རྒྱལ་བ་ཡིད་བཞིན་ནོར་བུའི་གསུང་དཔེ་གཉིས་བཀླགས།གཉིས་ཀའི་ནང་། “མི་བཤིག་པ་”ཞེས་བྲིས་འདུག་པ་མཐོང་། མི་ཤིགས་པ་ཞེས་འབྲི་དགོས། ཤིགས་ཀྱི་གོ་བ་འཇིག་གི་སྐུལ་ཚིག་ཙམ་ལས་མ་ལོན་ན། མི་ཤིགས་པ་ཞེས་པའི་གོ་བ་མི་ལོན། དེ་མ་ལོན་པས་མི་བཤིག་པ་ཞེས་བྲིས་པ་རེད། ཤིགས་དཔྱིས་ཕྱིན་པར་ཤེས་པ་ལ་ནུས་བརྗོད་བྱ་ཚིག་ཤེས་དགོས། བོད་ཀྱི་བརྡ་སྤྲོད་པའི་དཀའ་གནད་ཅི་མང་བྱ་ཚིག་གི་རྣམ་གཞག་ཏུ་ཡོད་ཅེས་ཡང་ཡང་བརྗོད་པ་འདི་ལྟ་བུ་ལ་བཤད་པ་ཡིན། གང་ལྟར། ཡིག་འབེབས་པ་ཚོས་གཟབ་འཚལ། མི་མང་བས། གཅིག་གིས་མ་མཐོང་ན། གཞན་དེས་མཐོང་དགོས། མི་གཅིག་ཡིན་ན་ཁག་མེད། རིག་པ་དམ་ལྷོད་ཀྱི་བར་ནས་ཤོར་འགྲོ་བ་མང་།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comentários


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page