top of page
Search
  • Writer's pictureཤེས་རབ་དར་རྒྱས། Sherab Dharge

རྒན་དང་དགེན།

འུ་ཅག་གིས་རང་ལ་སྔར་ནས་ཡོད་པ་དེ་མ་ཤེས་པར་གསར་པ་ཞིག་བཟོ་གིན་བསྡད་ན། ཡག་པོ་ཞིག་ཏུ་མ་མཐོང་། ཁྱེད་ལ་ཇུས་གཏོགས་ཅི་ཡོད་ཟེར་ན་ནི་ཅང་མི་སྨྲའོ།།

རྒན་པ་ལ་དགེན་ཞེས་འབྲི་བཞིན་པ་ལ་འདི་བརྗོད་པར་བྱ་སྟེ།

  • •ཇི་སྐད་དུ་འདུལ་བ་གཞི་ལས། “མི་གང་རིགས་ཀྱིས་རྒན་པ་དང༌། །ན་ཚོད་རྒན་དང་ནོར་གྱིས་རྒན། །དེ་ཀུན་ཐོས་པས་རྒན་པ་ཡི། །སྒོ་ན་དོན་ཀུན་གཉེར་བ་སྡོད། །” ཅེས་གསུངས་པ་ལ་ཅི་ཟེར།

•དྲི་མེད་འོད་ལས། “འདིར་འཇིག་རྟེན་ཕ་རོལ་དང་འཇིག་རྟེན་འདིའི་དོན་དུ་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའི་རྒན་པ་བཞི་སྟེ། དེ་དག་ལས་ཡེ་ཤེས་ཀྱིས་རྒན་པ་ནི་མངོན་པར་ཤེས་པ་ཐོབ་པ་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་རྡོ་རྗེ་སློབ་དཔོན་དགེ་སློང་ངམ་ཁྱིམ་པ་མཆོད་པར་འོས་པ་དགེ་སློང་བཅུ་དང་མཉམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་མེད་ན་དཀའ་ཐུབ་ཀྱིས་རྒན་པ་ནི་ངུར་སྨྲིག་འཛིན་པ་སྟེ་ངུར་སྨྲིག་འཛིན་པ་རྣམས་ལས་ལོ་དང་། སྔགས་པ་རྣམས་དབང་གིས་རྒན་པ་ཁྱིམ་པའི་སློབ་དཔོན་རྣམས་ཀྱིས་ཐམས་ཅད་དུ་ཕྱག་བྱ་སྟེ་དཀའ་ཐུབ་ཀྱིས་རྒན་པའི་ཕྱིར་དང་། ཁྱིམ་པ་རྣམས་ལ་མངོན་པར་ཤེས་པ་མེད་པའི་ཕྱིར་རོ། །ཐོས་པས་རྒན་པ་ནི་མཁས་པ་མཆོད་པར་འོས་པ། བསྟན་པ་གསལ་བར་བྱེད་པ་ཕས་ཀྱི་རྒོལ་བ་བདུད་ཀྱི་རིགས་རྣམས་འདུལ་བར་བྱེད་པ་སྟེ་འདི་དག་ནི་འཇིག་རྟེན་ཕ་རོལ་གྱི་དོན་དུ་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའོ། །ནོར་གྱིས་རྒན་པ་ནི་རྒྱལ་པོ་སྟེ་འཇིག་རྟེན་འདིའི་ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཀྱིས་མཉེས་པར་བྱ་བའོ།།” ཞེས་གསུངས་པ་ལ་ཡང་ཅི་ཟེར།


སྤྱི་ལོ་ 2022 ཟླ་ 10 ཚེས་ 17 ཉིནན་མོར་ཉིན་གང་གློག་མེད་པའི་སྐབས་དང་བསྟུན་སྤེལ་ལོ།།

44 views0 comments
Post: Blog2_Post
bottom of page